བོད་ཡིག་གི་ཡིག་གཟུགས་གསར་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་སྤྱི་ཐོག་གི་བོད་ཡིག་ཚད་ལྡན་Unicode ལ་བརྟེན་ནས་བཟོ་པའི་བོད་ཡིག་ཡིག་གཟུགས་གསར་པ་བཞི་ནི་དངོས་སུ་ཁྱབ་བསྒྲགས་བྱེད་པས། བོད་ཡིག་བེད་སྤྱོད་མཁན་གྱིས་ཡོན་མེད་དགོས་པའི་ཐོག་ནས་ཕབ་ལེན་བྱེད་ཆོག་པ། བོད་ཡིག་ཡིག་གཟུགས་གསར་པ་བཞི་ནི་དཔེ་ཚུགས་དང་འབྲུ་ཚ། ཚུགས་མ་འཁྱུག དབུ་ཅན་བཅས་རེད། ཡིག་གཟུགས་འདི་ཚོ་ནི་Windows Vista ནང་ལ་མ་གཏོགས་བེད་སྤྱོད་བྱེད་ཐུབ་ཀྱི་མེད་པས། ཡིན་ནའང་ང་ཚོས་མགྱོགས་མྱུར་ཡིག་གཟུགས་གསར་པ་བཞི་འདི་Apple ཡི་ Mac དཔར་མ་ནང་ལ་བེད་སྤྱོད་བྱེད་ཐུབ་པའི་དཔར་གཞི་གསར་པ་ཞིག་སྟོན་ཐུབ་པ་བྱེད་ཀྱི་ཡིན། ཡིག་གཟུགས་བཞི་ནི་འདི་ནས་ཕབ་ལེན་བྱས་ནས་བེད་སྤྱོད་བྱེད་ཆོག་པ། ཡིག་གཟུགས་འདི་ཚོ་རྩིས་འཁོར་ནང་ལ་སྒྲིག་འཇུག་དང་བེད་སྤྱོད་བྱེད་སྟངས་ནི་ཡིག་རིགས་གཞན་གྱི་ཡིག་གཟུགས་དང་འདྲ་བ། ཡིག་གཟུགས་འདི་ཚོ་ལ་ནོར་འཁྲུལ་དང་བསམ་འཆར་གང་ཡོད་ན་བཀྲ་ཤིས་ཚེ་རིང་ལ་གནས་ཚུལ་ཕྱིར་འདྲེན་གནང་རོགས། གློག་ཡིག་ཁ་བྱང་ tTsering1@gmail.com ང་ཚོས་མགྱོགས་མྱུར་བཟོ་བཅོས་རྒྱག་ནས་ཁྱེད་རྣམས་ལ་བཀུར་གྱི་ཡིན། |
Copyright © 2008 yalasoo! All rights reserved.